朗玛堆谐‖拉萨贵族沙发

朗玛堆谐‖拉萨贵族沙发

标签:
ནང་མ། ཁྱིམ་ཚང་ནང་དུ་དཀྲོལ་བྱེད་ཀྱི་རོལ་མོའི་དོན་དུ་གོ་ཞིང་། དུས་རབས་བཅུ་བདུན་གྱི་ཡས་མས་སུ་དབུས་སུ་དར་སོ་ཆེ་ཆེར་བྱུང་། དང་ཐོག་མ་རོལ་དབྱངས་དེར་གཞས་དང་རོལ་ཆ་རྐྱང་མ་མཉམ་ལེན་བྱེད་པ་ལས་རོལ་ཆ་མང་པོས་རམ་དཀྲོལ་བྱེད་སྲོལ་མེད་ལ་ཞབས་བྲོ་ཡང་རྒྱག་སྲོལ་མེད། ཕྱིས་སུ། རོལ་ཆ་ཡང་ཆིང་དང་པི་ཝང་སོགས་ཀྱིས་རམ་དཀྲོལ་ཡོད་པ་མ་ཟད་མཉམ་དུ་ཞབས་བྲོ་ཡང་རྒྱག་སྲོལ་ཆགས་ཡོད། ནང་མའི་དབྱངས་ཀྱི་འགྱུར་ཁུག་ལྷོད་ཅིང་བབས་ཆགས་པར་རྟེན། སྔ་དུས་བོད་ཀྱི་དཔོན་རིགས་སྐུ་དྲག་རྣམས་ཀྱིས་དགའ་པོ་བྱེད་པའི་རོལ་དབྱངས་ཤིག་ཏུ་མཐོང་ཡང་། དེ་ཕྱིས་བོད་མི་མི་རེ་ངོ་རེའི་སྤྱོད་ཡུལ་ཏུ་ཆགས་ཡོད། སྟོད་གཞས། གཙང་དང་མངའ་རིས་ཁུལ་ལ་སྟོད་ཕྱོགས་སུ་འབོད་ཅིང་། སྟོད་གཞས་དེ་ཐོག་མ་ས་ཁུལ་དེ་དག་ཏུ་བྱུང་། རིམ་གྱིས་ལྷ་རྩེ་དང་གཞིས་རྩེ་དེ་ནས་དབུས་སུ་དར་བ་ཞིག་རེད། སྟོད་གཞས་འཁྲུག་ཆ་དོད་པས་སྤྲོ་སྣང་འཕེལ་ཐུབ་པའི་ཁྱད་ཆོས་གཅིག་ཏུ་སྣང་ཞིང་། དེ་སྔ་སྒྲ་སྙན་གཅིག་པུས་རམ་དཀྲོལ་བྱེད་ཀྱི་ཡོད་ན་ཡང་། ཕྱིས་སུ་གླིང་བུ་དང་། ཡང་ཆིང་། པི་ཝང་། གཡེར་ཁ་སོགས་ཀྱིས་རམ་དཀྲོལ་བྱེད་སྲོལ་ཆགས་ཡོད།

朗玛堆谐‖拉萨贵族沙发曲目列表

朗玛堆谐‖拉萨贵族沙发相关歌单